མི་ཎི་སོ་ཊའི་ཆོས་གྲོགས་ཡོངས་ལ། ༢༠༢༡/༡༡/༡༤ ཉིན། རང་རེའི་སྤྱི་ཁང་གསར་པའི་ཚོགས་ཁང་དུ་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་མ་མཆོད་པའི་ཚོགས་མཆོད་དང་བཅས། རང་ཅག་རྣམས་ཀྱི་དཔྲ་བའི་མིག་དང་། ཁོག་པའི་སྙིང་། འདི་ཕྱི་གཉིས་ཀྱི་འདྲེན་མཆོག་མཚུངས་ཟླ་མ་མཆིས་པ་ ༧ སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་སྐུ་ཚེ་བསྐལ་པ་ཁྲི་ཁྲག་ནས་ཁྲི་ཁྲག་བར་བརྟན་པར་བཞུགས་པའི་ཆེད་ ༧ རྒྱལ་བའི་ཞབས་བརྟན་དང་། མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་། མི་ཎི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ལྷན་རྒྱས་ཀྱིས་རེ་འདུན་ལྟར་རིན་པོ་ཆེ་མཆོག་ནས་སྤྱི་ཁང་གསར་པར་རབ་གནས་སོགས་ལེགས་པར་གྲུབ་པར་ཡི་རང་དང་འདི་ཕྱི་དགེ་བའི་བསྔོ་སྨོན་གང་ཤེས་བྱེད་ཁུལ་བཅས། སེར་བྱེས་དགེ་བཤེས་བློ་བཟང་རྡོ་རྗེས། Thank you all dear dharma brothers […]

Read More »