རྒྱལ་བའི་ཞབས་བརྟན། Long Life Puja Offering for His Holiness


རྒྱལ་བའི་ཞབས་བརྟན་ཚོགས་མཁན་གང་མང་ཕེབས་གནང་ཡོང་བ་ཞུ།
༢༠༡༩/༤/༩, ༡༠, ༡༡, ༡༢ ཉིན་བཞིའི་རིང་ཕྱི་དྲོ་ཆུ་ཚོད་ ༦ ནས་ ༧:༣༠ བར་དང་།
ཚེས་ ༡༣ ཉིན་ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༧ བར།

Long Life Offering Ceremony for His Holiness at Sera Jey Foundation
All are invited to Long Life Offering Ceremony for His Holiness the Great 14th Dalai Lama at Sera Jey Foundation

April 9, 10, 11 & 12: 6pm to 7:30pm, followed by a vegetarian dinner
April 13: 2pm-7pm, followed by a vegetarian dinner

Click HERE to download the long life prayers in Tibetan.

色拉傑基金會舉行 達賴喇嘛尊者長壽法會。歡迎十方大眾一同參加,祈請尊者法體安康,長久住世。
4/9/19-4/12/19: 下午6-7:30pm
4/13/19: 下午2-7pm

གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

In the land encircled by snow mountains one who is the source of all good and happiness, all-powerful Chenrezig, Tenzin Gyatso, please remain until samsara ends.

於此雪嶺環繞國土中
一切利益安樂根源處
觀音自在滇津嘉措尊
蓮足堅住直至三有盡

འཇམ་དཔལ་རྡོ་རྗེ་ངག་ལ་དབང་འབྱོར་ཞིང་།།
བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས།།
བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན།།
འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས།།
ཨོཾ་ཨཿགུ་རུ་བཛྲ་དྷ་ར་བྷ་ཊྚཱརཀ་མཉྫུ་ཤྲཱི་ཝཱགིནྡྲ་སུ་མ་ཏི་ཛྙཱན་ཤ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ།།
Om A Guru Beza Dhara Bata Raka Manzushri Vaginda Sumati Jana Shasana Dhara Samuda Shri Bada Sarva Sidhi Hung Hung.
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།

Long Live His Holiness the Great 14th Dalai Lama