2022

༧ སྐྱབས་རྗེ་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་བསྙེན་མཚམས་སོགས་ཟླ་གཅིག་ལྷག་གི་མཛད་རིམ་གྲུབ་སྟེ་ ༢༠༢༢/༡/༧ ཉིན། སྨན་བླའི་ཆོས་ཚོགས་ནས་སེར་བྱེས་དགེ་རྩ་ཚོགས་པས་ཕེབས་བསུ་དང་བཅས་ཆིབས་ཁ་བསྒྱུར་གནང་བཀའ་དྲིན་ཆེ་སྐབས།
Sera Jey Foundation is welcoming H.E. Jhado Rinpoche from Santa Cruz after a month long retreat and teachings.

༢༠༢༡/༡༡/༡༦ ནས་ ༢༠༢༢/༡/༡༦ བར། ཨ་རིའི་ཁེལི་ཧྥོར་ཎི་ཡ་མངའ་སྡེའི་ནང་། ༧ སྐྱབས་རྗེ་བྱ་དོ་རིན་པོ་མཆོག་གིས་བཀའ་ཆོས་ཡོངས་དང་། གཙོ་བོར་སེར་བྱེས་དགེ་རྩ་ཚོགས་པའི་གསོལ་འདེབས་ཞུས་དོན་ལྟར།
རྒྱལ་བའི་གསུང་རབས་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པ་བསྡུས་པ། གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ་ཇོ་བོ་ཨ་ཏི་ཤ་དང་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་གདམས་པ་ཟབ་མོ། དྲིན་ཆེན་རྩ་བའི་བླ་མ་བདག་གི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ནས་བརྒྱུད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ལེགས་པར་གྲུབ་པའི་དགེ་བའི་རྩ་བ་སོགས་ལ་བརྟེན་ནས།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་དང་། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་། བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཅེས་དང་། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག །
His Eminence Jhado Rinpoche is departing San Francisco after bestowing LAM RIM CHENMO and other teachings in California from November 16, 2021 to January 16, 2022
ཇི་སྐད་དུའང་། ༧ སྐྱབས་མགོན་ཐམས་ཅད་མཁྱེན་པས།
ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན། །པདྨ་དབང་ཆེན་ཡང་གསང་ལྷ་ཚོགས་དང་། །དྲེགས་པ་ལྕམ་སྲིང་ལ་སོགས་སྲུང་མས་ཀྱང་། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛོད་ཅིག །
Special thanks to all our dear volunteers!

༢༡༤༩ སྨོན་ལམ་ཆེན་མོ། Monlam Chenmo 2022

Arya Tara Sand Mandala Creation for the Benefit of All Sentient Beings from 3/30/22-4/3/22

བོད་ཟླ་དང་པོའི་གནམ་གང་ཉིན་སྒྲོལ་མ་ལྷ་ཁང་དུ་སྒྲོལ་ཆོག་ཐེངས་དང་པོ་ཚོགས་སྐབས།
Inaugural Four Mandala Tara Puja at Tara Temple – DOLMA LHAKHANG

Happy to see Lama Jinpa and some other friends in Sacramento on April 6, 2022

ཤིང་རྟ་ཆེ་གཉིས་དབྱིག་གཉེན་ཡོན་ཤག་གི། །གཞུང་ལུགས་སློབ་པའི་རིམ་པ་གྲྭ་ཚང་བྱེས། །སྡེ་འདི་དབྱར་གྱི་མཚོ་ལྟར་རབ་འཕེལ་ཞིང་། །མཁས་པའི་བྱ་བ་རྣམ་གསུམ་རྒྱས་པར་ཤོག །
སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་དགེ་བཤེས་ངག་དབང་བྱང་ཆུབ་ལགས་དང་། འདིར་འདུས་རྣམས་ཀྱིས་སེར་བྱེས་འདུས་མང་ཡོངས་ཀྱི་ཚབ་ཞུས་ནས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ངག་དབང་གྲགས་པ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པར་བཞུགས་པའི་གསོལ་བ་འདེབས་པར་བཅར་སྐབས།།
On the behalf of Sera Jey Monastery, Geshe Ngawang Jangchub la, the Chief Secretary of Sera Jey Monastery-India with all together have requested His Eminence Geshe Ngawang Drakpa la to have a long and healthy life for the benefit of Buddha Dharma and all sentient beings.
Geshe Lobsang Dorji for Sera Jey Foundation

AUM NAMO BAGAVATE BEKHAZE GURU BENDRIYA TRABHA RAZAYA TATHAGATAYA ARAHATE SAMNYAKSAM BUDDHAYA
TADYATHA AUM BHEKHAZE BHEKHAZE MAHA BHEKHAZE BHEKHAZE RAZA SAMUGATE SOHA
Medicine Buddha Sand Mandala and Prayers for all sentient beings at San Jose, California May 6, 2022 until May 15, 2022

May 18th, 2022 ~ June 1st, 2022: Consecration and Blessing Ceremony of Statues including Twenty-One Taras’ statues:

Arya Maitreya’s Sand Mandala at San Jose, California on May 23, 2022

2022 Saga Dawa Guru Bhumtsok

༢༠༢༢/༦/༡༧ ཉིན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ངག་དབང་གྲགས་པ་མཆོག་དབུ་བཞུགས་ཐོག་སྒྲོལ་མ་ལྷ་ཁང་སྒོ་དབྱེ་རབ་གནས་བྱིན་ཆེན་འབེབས་སྐབས།
རྗེའི་གསང་བའི་རྣམ་ཐར་ལས།
སྐུ་གསུང་ཐུགས་རྟེན་རབ་གནས་མཛད་པའི་ཚེ། །
དམ་ཚིག་པ་ལ་ཡེ་ཤེས་མངོན་སུམ་ཞུགས། །
གང་གིས་བྱིན་གྱིས་བརླབས་པའི་ལྷ་ཚོགས་རྣམས། །
སྐྱེ་རྒུའི་བསོད་ནམས་ཞིང་དུ་ལེགས་གྲུབ་པ། །
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཞེས་པ་ལྟར་སེར་བྱེས་དགེ་བཤེས་བློཟང་རྡོ་རྗེར་འབོད་པས་སྨོན་པའོ།།
H.E. Geshe Ngawang Drakpa la was leading the Consecration Ritual Blessing at Tara Temple on June 17, 2022

སྒྲོལ་མ་ལྷ་ཁང་དུ་འབུམ་འགྱུར་ཟླ་བའི་སྒྲོལ་མ་འབུམ་ཐེར་ཐེངས་དང་པོ་ཚོགས་པར་གྲ་སྒྲིག་ལེགས་པར་ཟིན་པས་ཆོས་གྲོགས་ལྷན་རྒྱས་དུས་ཐོག་ཕེབས་གནང་ཡོང་བའི་དགེ་བསྐུལ་དང་།
Hundred Thousand Recitations of Twenty-One Taras’ Praises and Four Mandala Tara Puja at Tara Temple.
འདིར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་བྱེད་པོ་ཡོངས་ལ་ཡི་རང་། དང་བླང་རྣམ་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
Thanks to all supporters and Special thanks to all my dear volunteers, Geshe Lobsang Dorji

༢༠༢༢/༦/༢༣ ཉིན། རྒྱལ་ཀུན་སྙིང་རྗེའི་གཏེར་ཆེན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱི་རྣམ་རོལ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་བདག་གི་མཁན་རིན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གིས་འདི་གའི་སྒྲོལ་མ་ལྷ་ཁང་རྟེན་དང་བརྟེན་པ་བཅས་པར་རབ་གནས་བྱིན་རླབས་བཀྲིན་ཆེ་གནང་མཛད་སྐབས།
His Holiness the Great 14th Dalai Lama was blessing Tara Temple, Sera Jey Foundation in California on June 23rd, 2022

༢༠༢༢ ཕྱི་ཟླ་ ༦ ཚེས་ ༢༢ ནས་ ༢༦ བར། དྲིན་ཅན་རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཛིན་པ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ ༧ སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད། སྒྲོལ་མ་ལྷ་ཁང་དུ་འབུམ་འགྱུར་ཟླ་བའི་ཚེས་༢༤ ནས་ ༢༨ བར་ཉིན་ལྔའི་རིང་སྒྲོལ་མ་འབུམ་ཐེར་དགའ་མགུ་ཡི་རང་ངང་ཚོགས་སྐབས་ཀྱི་མཐུན་སྦྱོར་བ་སྐུ་པར་ནང་འཁོད་ཡོད་མེད་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
Hundred Thousand Recitations of Twenty-One Taras’ Praises for His Holiness the Great 14th Dalai Lama’s Longevity at Tara Temple from June 22 to 26, 2022.
Thanks to all supporters and volunteers.
Geshe Lobsang Dorji for Sera Jey Foundation

༢༠༢༢ ལོའི་འབུམ་འགྱུར་ཟླ་བའི་གནམ་གང་ཉིན། སྒྲོལ་མ་ལྷ་ཁང་དུ་རྡོ་རྗེ་སྤུན་གྲོགས་ཚོས་བླ་མར་མཆོད་པ་དང་། ཚོགས་ཕུལ་སྐབས།
Vajra siblings were practicing Guru Puja and Tsog Offering at Dolma Lhakhang on June 28, 2022.
མདོར་ན་སྐྱེ་བའི་ཕྲེང་བར་མགོན་ཁྱོད་ཀྱིས། །
འབྲལ་མེད་མཉེས་བཞིན་རྗེས་སུ་བཟུང་བའི་མཐུས། །
ཀུན་གྱི་དབང་ཕྱུག་ཟུང་འཇུག་རྒྱལ་ས་ཆེར། །
འབད་མེད་བདེ་བླག་ཉིད་དུ་སོན་གྱུར་ཅིག །

༢༠༢༢ ལོའི་འབུམ་འགྱུར་ཟླ་བའི་གནམ་གང་ཕྱི་མར་སྒྲོལ་མ་ལྷ་ཁང་དུ་ཆོས་གྲོགས་ཚོས་སངས་རྒྱས་སྨན་བླར་ཕྱག་མཆོད་ཐུགས་དམ་བསྐུལ་བ་སོགས་ལ་བརྩོན་བཞིན་པ།
ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །
བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །
Dharma siblings were practicing Medicine Buddha Sutra Ritual on June 29, 2022 at Dolma Lhakhang, Sera Jey Foundation in California
TedYaTha AumBheKhaZe BheKhaZe MahaBeKhaZe BheKhaZe RaZaSaMu GaTe SoHa

༢༠༢༢ ལོའི་འབུམ་འགྱུར་ཟླ་བའི་རྣམ་དཀར་དགེ་ལས་མཐའ་དག་གང་ལེགས་གྲུབ་པས་མཐུན་རྐྱེན་སྦྱོར་མཁན་ཡོངས་ལ་ཡི་རང་དང་འདི་ཕྱི་དགེ་བའི་བསྔོ་སྨོན་གང་ཤེས་བྱེད་བཞིན་ཡོད། ཁྱད་པར་དུ་པར་པ་ཚེ་རིང་དོན་འགྲུབ་ལགས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
Hearty thanks and prayers to all my dear supporters for the 2022 Saga Dawa Events and special thanks to Tsering Dhondup la for all the wonderful pictures.
-Geshe Lobsang Dorji for Sera Jey Foundation

His Holiness’s Birthday Celebration 2022:

July 9, 2022
New Board members expressed profound appreciation and thanks to all who were involved in the great success of Sera Jey Foundation and appealed for continued support to the Sera Jey Foundation.