སྙིགས་དུས་འགྲོ་བའི་འདྲེན་པ་གཅིག་པུ་རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་ཁོ་ནའི་ཆེད་སེར་བྱེས་དགེ་རྩ་ཚོགས་པས་བོད་རིགས་སྤྱི་ཁང་སྡེ་བཞི་ཕུན་ཚོགས་གླིང་དུ་ས་ག་ཟླ་བའི་ཚེས་ ༥ ནས་ ༡༥ བར་སྔ་དྲོའི་ཆུ་ཚོད་ ༡༠ ནས་དགོང་མོའི་ཆུ་ཚོད་ ༨ བར་ས་ག་ཟླ་བའི་གུ་རུ་འབུམ་ཚོགས་ཐེངས་ལྔ་པ་འཚོགས་རྒྱུ་ལགས་ན་དད་དམ་གཙང་བའི་སྤུན་ཟླ་གང་མང་མཉམ་ཞུགས་ཡོང་བའི་དགེ་བསྐུལ་དུ།། དགེ་བཤེས་བློ་བཟང་རྡོ་རྗེ་ནས་འབུམ་ཚོགས་སྐབས་དུས་ནས་དུས་སུ་ཞལ་འདོན་ཁག་འགྲེལ་ནས་ནང་པ་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་ངོ་སྤྲོད་གནང་རྒྱུ་མ་ཟད་དགེ་བཤེས་བློ་བཟང་རྡོ་རྗེ་དང་དགེ་བཤེས་བློ་བཟང་ཆོས་འཕེལ་གཉིས་དབུ་བཞུགས་ཐོག་ཚེས་ ༥ ནས་ ༡༥ བར་འབུམ་ཚོགས་སྐབས་ཀྱི་ཚོགས་དུས། 5th Saga Dawa Guru Bumtsok 2019 […]
Read More »