ལྷག་པར་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱིས། ། བོད་ཁམས་ཐུགས་རྗེས་འཛིན་པར་བསྐུལ་བའི་ཚེ། ། འགྱུར་མེད་ཞལ་བཞེས་མཛད་པ་དོན་གནང་ན། ། དུས་འདིར་ཁྱེད་ཀྱི་ཐུགས་རྗེས་སྐྱོང་བར་གསོལ། ། ༼གོང་ས་ཐམས་ཅད་མཁྱེན་པ་མཆོག་གི་གསུང་།༽ གུ་རུ་འབུམ་ཚོགས། ས་ག་ཟླ་བའི་ཚེ་ ༥ ནས་ ༡༥ བར་སྡེ་བཞི་ཕུན་ཚོགས་གླིང་དུ་ཉིན་བཅུའི་གུ་རུའི་འབུམ་ཚོགས་ཐེངས་བཞི་པའི་སྐབས་ཉིན་གུང་དང་དགོང་མོར་དཀར་ཟས་སྟབས་བདེ་རེ་དང་། ཉིན་རེར་གསོལ་ཇ་ཐེངས་བཞི་རེ་སོགས་རྒྱུན་ལྡན་ལྟར་འབུལ་རྒྱུ་ལགས་ན་ལྷན་རྒྱས་ནས་རྩམ་པ་དང་མར་སོགས་ཀྱི་ཞལ་འདེབས་དང་འབུམ་ཚོགས་སྐབས་ཞབས་ཕྱི་སོགས་ཀྱི་མཐུན་འགྱུར་ཡང་གནང་སྐྱོང་ཡོང་བའི་དགེ་བསྐུལ་དུ།། 4th Saga Dawa Guru […]