སྨན་བླའི་མདོ་ཆོག Medicine Buddha Sutra Ritual


འབུམ་འགྱུར་ཟླ་བའི་ཚེས་ ༣༠ ཕྱི་མ་དང་། ༢༠༢༢ ཕྱི་ཟླ་ ༦ ཚེས་ ༢༩ ཉིན་དགོང་མོ་ཆུ་ཚོད་ ༦ ནས་ ༨ བར། སྒྲོལ་མ་ལྷ་ཁང་དུ་སྨན་བླའི་མདོ་ཆོག་འདོན་རྒྱུ་ལགས་ན་ཆོས་གྲོགས་རྣམ་པ་དུས་ཐོག་ངེས་ཕེབས་ཡོང་བའི་དགེ་བསྐུལ་དང་། རྒྱུན་ལྡན་ལྟར་དགེ་བཤེས་བློ་བཟང་རྡོ་རྗེས་དགོས་གལ་ནམ་བྱུང་ལ་ནང་པའི་ལྟ་གྲུབ་ངོ་སྤྲོད་བྱ་རྒྱུ་བཅསོ།

Medicine Buddha Prayers at Dolma Lhakhang on June 29, 2022 from 6pm to 8pm
Geshe Lobsang Dorji will be leading this event and giving teachings from time to time as usual.

色拉傑基金會將於2022年6月29日下午6點至晚上8點在度母殿舉行藥師佛法會
格西洛桑多傑將主持此法會並ㄧ如既往於法會時給予大眾佛法開示。

༢༠༢༢ ལོའི་འབུམ་འགྱུར་ཟླ་བའི་གནམ་གང་ཕྱི་མར་སྒྲོལ་མ་ལྷ་ཁང་དུ་ཆོས་གྲོགས་ཚོས་སངས་རྒྱས་སྨན་བླར་ཕྱག་མཆོད་ཐུགས་དམ་བསྐུལ་བ་སོགས་ལ་བརྩོན་བཞིན་པ།
ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །
བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །
Dharma siblings were practicing Medicine Buddha Sutra Ritual on June 29, 2022 at Dolma Lhakhang, Sera Jey Foundation in California
TedYaTha AumBheKhaZe BheKhaZe MahaBeKhaZe BheKhaZe RaZaSaMu GaTe SoHa

འབུམ་འགྱུར་ཟླ་བའི་གནམ་གང་ཉིན་ཆོས་གྲོགས་ཚོས་གསོལ་འདེབས་ཀྱི་རྒྱལ་པོ་དམིགས་བརྩེ་མའི་སྒོ་ནས་སྡིག་སྤོང་དགེ་སྒྲུབ་ལ་བརྩོན་བཞིན་པ།
Dharma friends were reciting king of prayer “Mig Tse Ma” on new moon day of Saga Dawa at Sera Jey Foundation in California on June 29, 2022

༢༠༢༢ ལོའི་འབུམ་འགྱུར་ཟླ་བའི་རྣམ་དཀར་དགེ་ལས་མཐའ་དག་གང་ལེགས་གྲུབ་པས་མཐུན་རྐྱེན་སྦྱོར་མཁན་ཡོངས་ལ་ཡི་རང་དང་འདི་ཕྱི་དགེ་བའི་བསྔོ་སྨོན་གང་ཤེས་བྱེད་བཞིན་ཡོད། ཁྱད་པར་དུ་པར་པ་ཚེ་རིང་དོན་འགྲུབ་ལགས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
Hearty thanks and prayers to all my dear supporters for the 2022 Saga Dawa Events and special thanks to Tsering Dhondup la for all the wonderful pictures.
-Geshe Lobsang Dorji for Sera Jey Foundation