༄།། ས་གནས་ཆོས་གྲོགས་རྣམ་པའི་གཙོས་སྤུན་ཟླ་རྣམ་པར། ལྷན་རྒྱས་འབྱུང་ཁམས་འཚམས་པོ་དང་ལས་འབྲས་དཔང་འཛུགས་ཀྱིས་འདི་ཕྱི་དགེ་བའི་ལས་ལ་བརྩོན་བཞིན་ཡོད་ཤག འཆར་ལ་ཉེ་བའི་བོད་རྒྱལ་ལོ་ ༢༡༤༨ ལོའི་གནམ་ལོ་གསར་པའི་རྟེན་འབྱུང་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག འདི་ལོའི་ལོ་སར་སྐབས་སེར་བྱེས་དགེ་རྩ་ཚོགས་པས་གཙུག་ལག་ཁང་དུ་མཇལ་ཁ་སོགས་མཛད་སྒོ་གང་ཡང་གཉེར་རྒྱུ་མིན། འོན་ཀྱང་མཁྱེན་གསལ་ལྟར་སེར་བྱེས་དགེ་རྩ་ཚོཊ་པས་འདི་ཕྱི་ཚེ་རབས་ཀུན་གྱི་ ༧ སྐྱབས་མགོན་བཀའ་དྲིན་མཚུངས་མེད་རྩ་བ་བླ་མ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར་སྡིག་སྤོང་དགེ་སྒྲུབ་གང་ནུས་ཞུས་དང་ཞུ་མུས་ལགས་ན་ཆོས་གྲོགས་ལྷན་རྒྱས་ཀྱི་ཆོས་མཐུན་བསམ་དོན་ཐམས་ཅད་འགྲུབ་པའི་བསྔོ་སྨོན་ཡང་ཞོར་དུ་ཞུ་འཐུས་བཅས། སེར་བྱེས་དགེ་རྩ་ཚོགས་པའི་དགེ་བཤེས་བློ་བཟང་རྡོ་རྗེས། ༢༡༤༧/༡༢/༢༠ Dear brothers and sisters, Tashi Delek for Losar! […]

Read More »